
དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡི།། འདི་ཉིད་མ་སྦྱངས་རྨོངས་ཚོད་ཀྱིས།། འཆད་རྩོད་རྩོམ་པའི་གྲལ་ཞུགས་པ།། ཝ་མོས་སེང་སྤགས་གྱོན་པ་བཞིན།། འབྱུང་འགྱུར་ལུང་བསྟན་མཛད་པ་ལྟར།། ད་རེས་ཆུ་བཞི་སྒང་དྲུག་ཀྱིས།། གྲགས་པ་འབྲུག་ལྟར་ལྡིར་བ་ཅན།། གླུ་པ་རིག་དགའ་ཆུང་བ་ཞེས།། འདན་ཕྲུག་ཟླ་འོད་འཕྲོས་ལམ་ནས།། ཡིག་ནོར་གཡག་རོ་ཟོ་རོ་ཙམ།། མ་རིག་མ་མཐོང་ངོ་རེ་མཚར།། ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱིས།། ནམ་རྒྱུན་གླུ་པ་གླུ་མ་ལ།། ཡིག་ནོར་ཤོར་དོགས་མེད་པས་ལན།། 😂😜😝😓🍺☕