
སྐུ་ལུས་ཐམས་ཅད་ངལ་བས་དུབ་ཀྱང་བསྟན་པའི་དོན་དུ་བཟོད་པའི་དཔའ་བོ། ། ཕྱི་རོལ་འགལ་རྐྱེན་རི་ལྟར་མཐོ་ཀྱང་བཤད་སྒྲུབ་སྤེལ་བའི་སེམས་པ་ཆེན་པོ། ། སེམས་ཅན་སྙིགས་མ་ར་ལྟར་གྱོང་རུང་ཐབས་ལ་མཁས་པའི་ལམ་བསྟོན་སྒྲོན་མེ། ། བདག་གི་དད་པའི་སེམས་ཀྱི་ཆུ་རྒྱུན་ཁྱེད་ལ་མི་ཕྱོགས་རང་དབང་ཅི་ཡོད། །