
ང་ཡི་སེམས་ཀྱི་དྲན་པ་གསོན་པོ།། ཁྱེད་ཉིད་དྲན་ནས་མིག་ཆུ་བཞུར་སོང་།། ད་ལྟ་མཇལ་བའི་ལས་ཞིག་ཡོད་ན།། སློབ་ངན་སྐྱིད་སྡུག་ཁྱེད་ལ་ཞུ་མཆོག། ཞལ་གསུང་དྲོ་མོའི་འདུད་རྩི་རེ་རེ།། ད་ལྟ་ཐོས་པའི་སྐལ་བ་མེད་རུང་།། ཁྱེད་ཀྱིས་གསུང་པའི་གདམ་པ་རེ་རེ།། སེམས་ཀྱི་དབུས་ནས་ཡལ་ཐབས་ཅི་ཡོད།།