
ཨོཾ་ཨཱ་ཧཱུྃ༔ ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། མངོན་རྫོགས་སྟོན་པ་བཅུ་གཉིས། བྱང་སེམས་ཉེ་བའི་སྲས་བརྒྱད། འཛམ་གླིང་རྒྱན་དྲུག་མཆོག་གཉིས། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། སློབ་དཔོན་པདྨ་འབྱུང་གནས། བོད་ཀྱི་རྗེ་འབངས་ཉེ་ལྔ། ཆོས་རྒྱལ་མེས་དབོན་རྣམ་གསུམ། རིག་འཛིན་འཇིགས་མེད་གླིང་པ། མི་ཕམ་འཇམ་དབྱངས་རྣམ་རྒྱལ། རྗེ་བ་ཙུན་མི་ལ་རས་པ། གཏེར་ཆེན་བརྒྱ་དང་་རྩ་བརྒྱད། གཏེར་ཕྲན་སྟོང་དང་རྩ་གཉིས། ཡང་གཏེར་གྲངས་ལས་འདས་པ། ལྷ་གཅིག་ཕྱག་ན་པདྨོ། པཎ་ཆེན་སྣང་བ་མཐའ་ཡས། ཨོ་རྒྱན་ཕྲིན་ལས་རྡོ་རྗེ། དཔལ་ལྡན་ས་སྐྱ་གོང་མ། ཨོ་རྒྱན་མཁའ་མཉམ་གླིང་པ། ཐུགས་སྲས་བཅམ་ལྡན་རྡོ་རྗེ། ཐུགས་སྲས་བསམ་ནམས་མཐའ་ཡས། དཔའ་བོ་ལས་རབ་གླིང་པ། མདོ་སྔགས་ཆོས་འཕེལ་རྒྱ་མཚོ། ཆོས་རྗེ་ཡིད་བཞིན་ནོར་བུ། མཁན་སྤྲུལ་བློ་གྲོས་དཔལ་ལྡན་སོགས་བདག་གི་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་དགོང་བརྡ་སྙན་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ལ་ཀཱི་་་ཀཱི་་་ཀཱི་་་་བསྭོ་་་བསྭོ་་་བསྭོ་་་ལྷ་རྒྱལ་ལོ། །