
དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་། ཐུགས་བརྩེ་བའི་རང་མདངས་བཞིན་ལག་གར་། དབྱིངས་དག་པའི་ཀློང་དུ་བསྡུས་ཀྱང་སླར་། བསྟན་འགྲོ་བའི་དོན་ལ་མྱུར་དུ་བྱོན་། འཁོར་དད་དམ་འགྱུར་མེད་སྐལ་ལྡན་ཀུན་། ཡིད་རབ་ཏུ་འཕྲེང་བའི་སྨྲེ་ངག་ངང་། ཕ་བླ་མ་བློ་བཟང་ཡེ་ཤེས་སྒུག་། འབངས་དད་ལྡན་མ་སྐྱུར་མྱུར་དུ་བྱོན་། དགོན་བཀྲ་ཤིས་ཆོས་ཀྱི་གླིང་ཆེན་པོའི་། ཆོས་ཚང་ལ་མ་ནོར་དགེ་ལྡན་པའི་། ལུགས་དྲི་མེད་རྒྱལ་མཚན་སྲིད་པའི་རྩེར་། དུས་གཏན་དུ་བསྒྲེང་ཕྱིར་མྱུར་དུ་བྱོན་། ཐུགས་བརྩེ་བས་ཆོས་དང་འཇིག་རྟེན་གྱི་། དོན་བྱ་བ་མཐའ་རུ་མ་ལྷུང་བར་། དཔལ་ལུགས་གཉིས་ཕུན་ཚོགས་སྡེ་བཞི་ཡིས་། གཞན་ཕན་བདེ་བསྒྲུབ་ཕྱིར་མྱུར་དུ་བྱོན་། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། རྟེན་འབྲེལ་སླུ་བ་མེད་པའི་བདེན་པ་དང་། བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས་། སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག་།🙏🙏🙏