
རྟེན་མཆོག་ལྷ་སྐུ་གཞལ་ཡས་ཁང་།། གང་ཟག་རྣལ་འབྱོར་ཕོ་མོ་དང་།། ཡོ་བྱད་བཟའ་བཏུང་བཅུད་ལྡན་ཅན།། ཐམས་ཅད་མ་ལུས་ཕུན་སུམ་ཚོགས།། དེ་ཕྱིར་ཚོགས་ཞེས་ཡོངས་སུ་གྲགས།། ཐབས་ཆེན་དཔའ་བོའི་ཚོགས་རྫས་དང་།། ཤེས་རབ་མ་ཡི་བཏུང་བ་རྣམས།། ཐབས་ཤེས་ཟུང་འཇུག་གཉིས་མེད་པར།། བདེ་སྟོང་ངོ་བོར་བྱིན་བརླབས་ནས།། རྒྱལ་བའི་དཀྱིལ་འཁོར་ལ་མཆོད་ཅིང་།། རྒྱལ་བའི་ཐུགས་དམཚོགས་ཀྱིས་བསྐངས།། ཏིང་འཛིན་དཀྱིལ་འཁོར་མཆོད་པ་ཡི།། ཡི་དམ་ཐུགས་དམ་ཚོགས་ཀྱིས་བསྐངས།། ཡེ་ཤེས་དཀྱིལ་འཁོར་བདུད་རྩིས་མཆོད།། ཆོས་སྐྱོང་ཐུགས་དམ་ཚོགས་ཀྱིས་བསྐངས།། ལྷ་སྲིན་འབྱུང་པོ་གཏོར་མས་མཆོད།། སྣང་སྲིད་སྡེ་བརྒྱད་ཚོགས་ཀྱིས་བསྐངས།། དམ་ལྡན་རྣལ་འབྱོར་ཟས་ཀྱིས་མཆོད།། དམ་ཚིག་ཉམས་ཆག་ཚོགས་ཀྱིས་བསྐངས།། སྐྱེ་མཆེད་ལྷ་ལ་གླུ་གར་མཆོད།། ཐུགས་དམ་དམ་པ་ཚོགས་ཀྱིས་བསྐངས།། རང་ལུས་ལྷན་སྐྱེས་བདེ་བས་མཆོད།། ལུས་ཀྱི་ལྷ་ཚོགས་ཚོགས་ཀྱིས་བསྐངས།། ཚིམ་པ་དྲུག་ལྡན་ཚོགས་མཆོད་འདིས།། ཐམས་ཅད་མ་ལུས་ཐུགས་དམ་བསྐངས།། 🍉🍎🍓🍔🍇🥮🥟🥐