
བླ་མ་དཀོན་མཆོག་གསུམ་པོ་སྐྱབས་གནས་བསླུ་བ་མེད་པ་མཁྱེན། དྲིན་ཆེན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་རྒྱལ་བ་སྲས་དང་བཅས་པརྣམས་ཀྱི་གཟིགས། ནམ་མཁས་གར་ཁྱབ་ཀྱི་རང་གཞན་སེམས་ཅན་ཐམས་ཅད། ཚེ་འདིར་ཚེ་རིང་ཞིང་ནད་མེད་པ། བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ། བསམ་པ་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་། སེམས་ཅན་ཚེ་ལས་འདས་ཚད་རྣམས་ཚེ་འདི་འཕོས་མ་ཐག་ཏུ་ནུབ་བདེ་བ་ཅན་སོགས་དག་པའི་ཞིང་ཁམས་གང་རུང་དུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ༽